ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> སྐད་འཇོག་ས།
སྐད་འཇོག་པ།      སྐད་ལ་གཟིགས་པ།
47‹‹123
ཁ་བྱང:རྟེན་འབྲེལ་ཞུ།
རུས་མིང:གངས་སེམས།
E-mail:512614536@qq.com
ལག་ཁྱེར:1500973589-
IPས་གནས:117.136.29.57
[NO.7] སྐད་འཇོག་དུས 2010-06-07 22:51:53
ངས་ཐོག་མར་ཙོང་ཆུའི་དྲ་བ་བོད་མི་ཀུན་གྱི་སྤྱན་ལམ་དུ་ཕུལ་བར་ཐུགས་རྗེ་ཆེ་ཞུ།     ཁྱོད་ཚོའི་དྲ་བ་འདི་ཡང་ང་ཚོའི་བོད་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་སྟེག་བུ་གསར་བ་ཞིག་ཏུ་འགྱུར་བར་སྨོན་འདུན་དང་རེ་བ་ཡོད་ལགས།       མ་འོངས་བ་ན་ང་ཚོར་ཡང་གླེང་མོལ་དྲ་བ་QQདང་   MSN  དང་SKYPE ལྟ་བུའི་རང་སྐད་ཡིག་གི་ཐོག་ནས་མཐོང་ཐུབ་པ་དང་དྲ་སྟེང་དུ་འདྲེན་ཐུབ་པའི་སྨོན་ལམ་དང་རེ་བསྐུལ་དང་བཅས་མཐར་བཀྲ་ཤིས་བདེ་ལེགས་ཤོག   །                                      སླར་མཇལ་ཞུ།
ཁ་བྱང:སྐུ་བསྟམས་པར་རྟེན་འབྲེལ་ཞུ
རུས་མིང:ཕུར་བ་སྐྱངས།
E-mail:tibet3@live.cn
ཁ་པར:༢༦༦༩༢༥༢༣
ལག་ཁྱེར:༡༨༧༨༣༧༧༥༨༨༩
IPས་གནས:218.89.38.148
[NO.6] སྐད་འཇོག་དུས 2010-06-06 12:26:12
ཁྱེད་སྐྱོ་མ་སྡུག་གི་ཁོར་ཡུག་ནས་ཟུངས་ཐག་རྒྱས་པ་ངའི་དྲན་པའི་གཞི་མོ་ནང་ལ་བཀུག་ནས་ཁྱེད་ལ་རྟེན་འབྲེལ་ཞུ་བ་དང་ཆབས་གཅིག་མ་འོངས་པར་བག་མི་འཁུམ་པར་མདུན་ནས་མདུན་དུ་སྐྱོད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་པ། བཤད་མ་དགོས་པའོ། འདི་ནི་བདག་གི་ཆེས་ཐོག་མའི་རེ་བ་ཡིན།
ཁ་བྱང:རྟེན་འབྲེལ་དང་རེ་སྨོན།
རུས་མིང:བཀྲ་ཤིས་
E-mail:tibet3@live.cn
IPས་གནས:115.25.106.226
[NO.5] སྐད་འཇོག་དུས 2010-06-01 13:23:28
དང་ཐོག་དྲ་གནས་འདི་འདྲ་བ་ཞིག་གསར་བསྐྲུན་དང་ཤར་གཏོང་ཐུབ་པར་བཀྲ་ཤིས་སྨོན་འདུན་ཞུ། །   དྲ་ཚིགས་འདི་བོད་ཀྱི་རིག་གནས་སོགས་གང་ཅིའི་ཐད་ལ་ཕན་པ་ཆེ་བར་ཡོད་པས་སྙིང་དབུས་ནས་ཁྱེད་རྣམས་ལ་བཀའ་དྲིན་ཆེ་ཞེས་ཞུའོ།    འདིར་QQམིན་པའི་MSNལྟ་བུའི་འབྲེལ་བ་བྱེད་གནས་ཞིག་བྱུང་ཚེ་QQབེད་སྤྱོད་མི་ཐུབ་པའི་བོད་མི་རྣམས་ལ་ཕན་པ་ཆེ་སྙམ། །
ཁ་བྱང:ཙོང་ཆུའི་དྲ་བ་ལེགས་གྲུབ་བྱུང་བར་དགའ་བསུ་ཞུ།
རུས་མིང:མྱིག་གཅོད།
E-mail:jaokao@163.com
ཁ་པར:6121218
ལག་ཁྱེར:13893914398
IPས་གནས:118.182.81.165
[NO.4] སྐད་འཇོག་དུས 2010-05-29 10:50:11
མཚོ་སྔོན་ནས་བྱུང་བའི་དྲ་བ་ལ་ཙོང་ཆུ་ཞེས་མིང་བཏགས་ན་ཡག་པོ་རེད། ཙོང་ཁ་བདེ་ཁམས་བཅོ་བརྒྱད་མིང་གི་ལྷག་མར་གྱུར་ནའང་ཙོང་ཆུ་སྔོན་མོ་སྔར་བཞིན་བགྲོད་པ་འདིའོ།།
ཁ་བྱང:ཙོང་ཆུའི་དྲ་བར་ཕུལ་བའི་བསམ་ཚུལ།
རུས་མིང:ཚེ་རིང་རྡོ་རྗེ
E-mail:tseringdorje@live.com
IPས་གནས:114.42.208.78
[NO.3] སྐད་འཇོག་དུས 2010-05-28 19:19:30
ཙོང་ཆུའི་དྲ་བའི་བཟོ་འགོད་པ་ལགས།ཁྱོད་ཀྱི་དྲ་བ་འདིའི་བཟོད་བཀོད་ཀུན་ཧ་ཅང་ལེགས། བསམ་ཚུལ་ཕྲན་བུ་ཡོད་པ་ནི་དྲ་བའི་མིང་འདོགས་ཚུལ་ལ་ལེགས་བཅོས་ཅུང་ཟད་བྱ་དགོས་སྙམ། 
ཙོང་ཆུའི་ཞེས་པ་ལས། གང་ཞིག་གང་ལས་རྣམ་པར་དབྱེ་བྱེད་ཀྱི་ཕྲད་འི་དེ་དོར་ནས་མིང་གི་རྣམ་པ་དེ་མིང་རྐྱང་དུ་བཞག་ན་ཇི་སྙམ་དུ་སེམས། དེར་ཙོང་ཆུ་དྲ་བ་ཞེས་མིང་བཏགས་ན་དོན་གྱི་སྡེབ་སྦྱོར་མི་ཉམས་པ་མ་ཟད། སྒྲའི་སྡེབ་སྦྱོར་ལའང་ཀློག་བདེའོ།། 
སྨྲས་པ།
ཕ་སྐད་གཙང་མ་ཉེར་འཚོ་རྒྱུ་བྱེད་པའི།།
ཙོང་ཆུ་དྲ་བ་ཡུན་རིང་གནས་གྱུར་ཅིག།

ཞེས་ཀུན་སློང་བཟང་པོས་རྒྱུད་བསྐུལ་ཏེ་བཀྲ་ཤིས་སྨོན་འདུན་གྱི་ཁ་གཡེང་དང་བཅས།

རེབ་སྨད་ཚེ་རིང་རྡོ་རྗེ་ནས།
ཁ་བྱང:ཁྱེད་ཀྱི་སྐུ་ཚེ་བརྟན་པར་སྨོན།
རུས་མིང:ཆོས་ཤུལ་གསང་བདག
E-mail:strayyak@yahoo.cn
ལག་ཁྱེར:13399411115
IPས་གནས:118.182.84.137
[NO.2] སྐད་འཇོག་དུས 2010-05-28 18:52:55
ཙོང་ཆུ་སྔོན་མོ་དགུང་དུ་འཕྱོ་བའི་རླབས་སྒྲ་ཐག་རིང་ཡུལ་ནས་ཐོས།།
ཐོས་འཛིན་འཕྲོགས་པའི་སྐབས་དང་སྐབས་སུ་བདེ་བའི་སྣང་བ་ལན་བརྒྱ་འཕེལ།།
འཕེལ་རྒྱས་གོམ་སྟབས་མྱུར་མོར་སྤོས་ཤིག་དུས་རབས་འདི་ཡི་ཁ་ལ་འཆོར།།
འཆོར་སྒེག་ངོམ་ནས་འདུག་རན་མ་རེད་ཙོང་ཆུ་སྔོན་མོ་མྱུར་དུ་རྒྱུགས། ། 
                     ༢༠༡༠ལོའི་ཟླ༥པའི་ཚེས༢༨ཉིན་དྲ་བ་མཐོང་མ་ཐག་རྟེན་འབྲེལ་ཞུ་ཚིག་ཙམ་དུ་ཕུལ་བ་དགེའོ
ཁ་བྱང:མཐར་ཕྱིན་སློབ་མའི་དཔྱད་རྩོམ།
རུས་མིང:བྱམས་པ།
E-mail:xianba2001@hotmail.com
IPས་གནས:119.255.28.65
[NO.1] སྐད་འཇོག་དུས 2010-05-28 12:48:13
བདག་གིས་སར་ཞིབ་འཇུག་སློབ་མའི་མཐར་ཕྱིན་དཔྱད་རྩོམ་དང་རྩོམ་པ་པོའི་གནས་ཚུལ་བསྡུས་པ་བཅས་ཡོད་པས། ཇི་ལྟར་བྱས་ན་ཙོང་ཆུའི་དྲ་བར་འགོད་ཆོག་པ་དང་། རྩོམ་དབང་ཐད་ཙོང་ཆུའི་དྲ་བའི་ཐད་འགྲིག་ལམ་ག་འདྲ་ཡོད་དམ། སློབ་གྲྭ་དང་འཛིན་གྲྭའི་ངོས་ནས་ཆེད་སྒྲིག་ལེ་ཚན་བཀོད་ཆོག་གམ།
bumpagyal ལགས་ནས་ལན་སློག་དུས 2010-05-29 12:45:23
གྲོགས་པོ་ལགས། གལ་ཏེ་ཁྱེད་ལ་དཔྱད་རྩོམ་གྱི་རིགས་ཡོད་ན་Wordནང་དུ་ཧི་གཟུགས་ཀྱིས་ལེགས་པོར་གཏག་རྗེས་ང་ཚོར་བསྐུར་དང་དྲ་ངོས་སུ་འགོད་དོ།། ང་ཚོའི་ཡིག་སྒམ tsongchu@tsongchu.com འདི་ཡིན་ནོ།།
47‹‹123
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:tsongchu@tsongchu.com  QQ:1239685970 QQ:32460212  MSN:tibetan406@hotmail.com