ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> འཕྲིན་གསར། >> ཏུན་ཧོང་གཏེར་ཡིག

ཏུན་ཧོང་གཏེར་ཡིག

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྩོམ་པ་པོ་མི་གསལ།] [ཟླ་ཚེས། 10-05-28] [ཀློག་གྲངས། ]

ཏུན་ཧོང་གཏེར་ཡིག་ཅེས་པ་ནི་སྤྱི་ལོ༡༨༩༩ལོར་ཀན་སུའུ་ཞིང་ཆེན་གྱི་ཏུན་ཧོང་བྲག་ཕུག་ནས་ཕྱུང་བའི་གནའ་བོའི་ཡི་གེ་རྣམས་ལ་ཟེར་བ་ད། དེའི་ཁྲོད་ན་རྒྱ་ཡིག་ལས་གཞན་ད་དུང་གནའ་རབས་ཀྱི་མི་རིགས་གཞན་པའི་ཡི་གེའང་མི་ཉུང་བ་ཞིག་ཡོད་ཅིང་། མང་ཆེ་བ་ནི་སྤུར་རྒྱལ་བོད་ཀྱི་ཡིག་ཆ་ཡིན་པས་ཡིག་ཆ་དེ་དག་གི་ནང་དུ་གནའ་རབས་བོད་མི་རིགས་ཀྱི་སྤྱི་ཚོགས་དང་། རིག་གནས། དམག་དོན་སོགས་ཀྱི་གནས་ཚུལ་ཞིབ་ཏུ་བཀོད་ཡོད་པས་དེ་དག་གི་ཐད་ལ་རྟོག་དཔྱོད་བྱེད་པར་ལོ་རྒྱུས་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་པ་ཞིག་རེད། ཡིན་ནའང་དེ་དག་ལས་མང་ཆེ་བ་ཞིག་སྤྱི་ལོ༡༩༠༧ནས༡༩༠༨ལོའི་བར་དབྱིན་ཇི་རྒྱལ་ཁབ་ཀྱི་སི་ཐན་དབྱིན་དང་ཧྥ་རན་སི་རྒྱལ་ཁབ་ཀྱི་པོ་ཞི་ཧོ་གཉིས་ཀྱིས་གཡོ་ཐབས་ཀྱིས་བརྐུས་པས་གྱོང་གུན་ཆེན་པོ་བྱུང་།  གཤམ་དུ་བཀོད་པ་ནི་སློབ་དཔོན་ཡུས་ཏའོ་ཆོན་གྱིས་སྤྱི་ལོ་༡༩༤༨ལོར་ཧྥ་རན་སིའི་རྒྱལ་ས་པ་ལི་ནས་ཡིག་ཆ་དེ་དག་ལས་ཆ་ཤས་ཤིག་གི་བསྒྱུར་ཡིག་ཁྱེར་ཡོང་བ་དེ་བློ་མཐུན་ཝང་ཡའོ་ནས་བསྒྲིགས་པ་ལས་ཚན་པ་ཞིག་ཡིན།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:tsongchu@tsongchu.com  QQ:1239685970 QQ:32460212  MSN:tibetan406@hotmail.com