ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> འཕྲིན་གསར། >> ཙོང་ཆུ།

ཙོང་ཆུ།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྩོམ་པ་པོ་མི་གསལ།] [ཟླ་ཚེས། 10-05-27] [ཀློག་གྲངས། ]

     རྗེ་ཐུའུ་བཀྭན་ཆོས་ཀྱི་ཉི་མའི་ཞལ་ནས།དེ་ནས་གངྒའི་སྲིང་མོ་དལ་འགྲོ་མ།།ཙོང་ཆུ་ཞེས་བྱར་གྲགས་པའི་ཀློང་ཆེན་གྱིས།།གདགས་དང་སྲིབ་ཏུ་བགོས་པའི་འཛིན་མའི་ཁྱོན།།ཙོང་ཁ་ཞེས་གྲགས་སྐྱིད་པའི་ལྗོངས་ཤིག་མཆིས།།ཞེས་བསྔགས་པ་ལྟར་གངྒ་གཉིས་པ་ཙོང་ཆུ་སྔོན་མོ་ནི་མདོ་ཁམས་གཡར་མོ་ཐང་གི་སྟོད་ཕྱོགས་མཚོ་མགོར་གྲགས་པ་ཚྭ་ཧྭན་ཐོ་ལེ་ཕྱོགས་དང་།སྟོད་ནས་བུ་ཧྭ་དང་བུ་ལན་ཧོ་ཞོ་སོགས་ཀྱི་ཆུ་ཕྲན་དུ་མ་གཅིག་ཏུ་འདྲེས་ཏེ་ཙོང་ཁ་བདེ་ཁམས་ཀྱི་གཞུང་དང་།ཙོང་ཁའི་སྐྱེས་རིའམ་ཙོང་ལ་རིང་མོའི་སྲིབ་ཕྱོགས་བརྒྱུད་དེ་འབབ་པར་ཙོང་ཆུ་ཞེས་གྲགས་ཤིང་།རྗེ་ཙོང་ཁ་པ་ཞེས་ཞུ་བ་ཡང་ཙོང་ཁ་བདེ་ཁམས་ཀྱི་ལུང་ལག་རི་པདྨ་སྟོབས་དང་ལྡན་པ་དབྱིབས་ལེགས་སུ་འབོད་པ་དེར་སྐུར་འཁྲུངས་པས་ན་དེ་ལྟར་དུ་གྲགས་པ་ཡིན་ལ།མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱི་གཞུང་ཁོག་ནས་ཤར་ཕྱོགས་སུ་བཞུར་ཏེ་བླ་ཆེན་པོ་དགོངས་པ་རབ་གསལ་གྱི་སྐུའི་རིང་བསྲེལ་བཞུགས་པའི་གནས་མཆོག་དམར་གཙང་བྲག་གི་མདུན་བརྒྱུད་དེ་རིམ་གྱིས་ཀན་སུའུ་ཞིང་ཆེན་གྱི་ས་སྣེ་ཟིན་ཙ་ན།རྨ་གཡང་ཕྱུག་མོའི་གཞུང་ནས་འབབ་པའི་ཆུ་བོ་གསེར་ལྡན་ཏེ་རྨ་ཀླུང་ཆེན་པོའི་ཆུ་བོ་དང་གཅིག་ཏུ་འདྲེས་པར་གྱུར་རོ། །

སྤྱི་ལོ༢༠༡༠ལོའི་ཟླ༤ཚེས༡༥ཉིན་ལ། 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:tsongchu@tsongchu.com  QQ:1239685970 QQ:32460212  MSN:tibetan406@hotmail.com