ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> འཕྲིན་གསར། >> ཇོ་བོ་རྗེས་མཛད་པའི་མར་མེ་སྨོན་ལམ་བཞུགས་སོ།།

ཇོ་བོ་རྗེས་མཛད་པའི་མར་མེ་སྨོན་ལམ་བཞུགས་སོ།།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཇོ་བོ་རྗེ] [ཟླ་ཚེས། 10-05-26] [ཀློག་གྲངས། ]

མར་མེའི་འོད་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཁོར་ཡུག་དང་མཉམ་པར་གྱུར་ཅིག། སྡོང་བུ་ནི་རིའི་རྒྱལ་པོ་རི་རབ་དང་མཉམ་པར་གྱུར་ཅིག། མར་ཁུ་ནི་མཐའི་རྒྱ་མཚོ་ཙམ་དུ་གྱུར་ཅིག། གྲངས་ནི་རེ་རེའི་མདུན་དུ་དུང་ཕྱུར་རེ་རེ་འབྱུང་བར་གྱུར་ཅིག། འོད་ཀྱིས་སྲིད་པའི་རྩེ་མོ་མན་ཆད་ནས་མནར་མེད་པའི་དམྱལ་བ་མན་ཆད་ཀྱི་མ་རིག་པའི་མུན་པ་ཐམས་ཅད་བསལ་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཞིང་ཁམས་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་ཅིག། ཨོ་བཛྲ་ཨྰ་ལོ་ཀེ་ཨྰ་ཧྰུ། ཨེ་མ་ཧོ། ངོ་མཚར་རྨད་བྱུང་སྣང་གསལལ་སྒྲོལ་མེ་འདི།། བསྐལ་བཟང་སངས་རྒྱས་སྟོང་རྩ་ལ་སོགས་པའི།། རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་དང་།། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་།། དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི།། ཕ་མས་གཙོ་བྱས་སེམས་ཅན་ཐམས་ཅད་ཀྱིས།། ཚེ་རབས་འདི་དང་སྐྱེ་གནས་ཐམས་ཅད་དུ།། རྫོགས་སངས་རྒྱས་པའི་ཞིང་ཁམས་དངོས་མཐོང་ནས།། འོད་དཔག་མེད་མགོན་ཉིད་དང་དབྱེར་མེད་ཤོག། དཀོན་མཆོག་གསུམ་དང་རྩ་གསུམ་ལྷ་ཚོགས་ཀྱི།། བདེན་པའི་མཐུ་ཡིས་སྨོན་ལམ་འདི་བཏབ་པས།། མྱུར་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།།ཏངྱཐྰ་པཉྩ་ཨ་ཝ་བུདྔྷ་ན་ཡེ་སྭྰ་ཧྰ།། མར་མེ་ཡེ་ཤེས་འོད་ལྔའི་སྣང་བ་ཆེན་པོ་གཅིག་ཏུ་གྱུར།། པད་ཟླའི་སྟེང་དུ་ཨོ་དང་ངྷྰི་ཡིག་ལས།། བྱུང་བའི་ལྷ་མོ་རབ་མཛེས་མར་མེ་མ།། དར་དང་རིན་ཆེན་རྒྱན་ལྡན་བརྒྱ་རྩ་བརྒྱད།། ཀུན་གྱི་ཕྱག་ན་མར་མེ་རེ་རེ་བསྣམས།། དེ་ལས་རང་འདྲའི་ལྷ་མོ་མར་མེ་མ།། བྱེ་བ་ཁྲག་ཁྲིག་དུང་ཕྱུར་གྲངས་མེད་འཕྲོས།། ནམ་མཁའི་མཐར་ཐུག་སངས་རྒྱས་ཞིང་ཀུན་གྱི།། ཞི་དང་ཁྲོ་བོའི་ལྷ་ཚོགས་ཐམས་ཅད་ལ།། རྒྱུན་ཆད་མེད་པར་མར་མེ་འབུལ་བར་བགྱི།། དེ་ལྟར་མར་མེ་ཕུལ་བའི་བསོད་ནམས་ཀྱིས།། ཚེ་འདས་སྦྱིན་བདག་ཐོག་དྲངས་འགྲོ་དྲུག་གི། ཉམས་ཆག་ཐམས་ཅད་སྐོང་གྱུར་ཅིག། རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག། ལས་ངན་སྡིག་སྒྲིབ་དག་གྱུར་ཅིག། ཁམས་གསུམ་འཁོར་བ་སྟོང་གྱུར་ཅིག། དབང་བསྒྱུར་དབང་དང་དངོས་གྲུབ་སྩོལ།། དགེའོ།།
 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:tsongchu@tsongchu.com  QQ:1239685970 QQ:32460212  MSN:tibetan406@hotmail.com