ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> ནང་བསྟན། >> འཇམ་དབྱངས་སྨྲ་བའི་སེང་གེའི་བསྟོད་པ་མཆན་གྱིས་འགྲོལ་བ་བཞུགས་སོ།

འཇམ་དབྱངས་སྨྲ་བའི་སེང་གེའི་བསྟོད་པ་མཆན་གྱིས་འགྲོལ་བ་བཞུགས་སོ།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན།] [ཟླ་ཚེས། 11-11-11] [ཀློག་གྲངས། ]

༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། །
སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། ། མཚན་དཔེ་གསར་བའི་འཇོ་སྒེག་ཅན། །
     འཚམས་ཀྱི་མདངས་འོད་རབ་སྤྲོ་བ། ། བླ་མ་འཇམ་པའི་དབྱངས་ལ་འདུད། །
      ལྷག་པའི་ལྷ་དེར་བསྟོད་པའི་ཚིག ། ཉམས་བརྒྱས་རོལ་བའི་ངོ་མཚར་མཛོད། ། 
         སྨྲ་བའི་དབང་ཕྱུག་དགེ་ལེགས་དཔལ། ། གང་གིས་མཛད་འདི་ཅུང་ཟད་འགྲོལ། །

              འདིར་མཁས་གྲུབ་ཆེན་པོ་དགེ་ལེགས་དཔལ་བཟང་པོས་མཛད་པའི་འཇམ་དབྱངས་སྨྲ་བའི་སེང་གེའི་བསྟོད་པ་འདི་ཉིད་མཆན་གྱིས་ཅུང་ཟད་འགྲོལ་བ་ནི། །  ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི དཔལ་ དང་ ལྡན་ པ་ཁྲོ་བ་སྤངས་པའི་ཉམས་ལྡན་ཏེ་ མཆོག་ཏུ་ཞི་བའི་ སྐུ་ ལུས་ཅན་ རང་ ཉིད་ཀྱི་དོན་དུ་ སྲིད་པའི་དཔལ་འབྱོར་ཕྲ་མོ་ལྟ་ཅི་སྨོས་ཚངས་པ་དང་བརྒྱ་བྱིན་འཁོར་སྒྱུར་སོགས་ཀྱི་ཁང་བཟང་ མདའ་ཡབ་རིན་ཆེན་ དུ་མའི་འོད་ཟེར་གྱི རྩེ་དགའ་དགོད་ པར་ བྱེད་ ཅིང་ཏྲ་བ་དང་ཏྲ་ཕྱེད་ལས་འཕྱང་བའི་ཏྲིལ་ཆུང་ གཡེར་ཁའི་སྒྲ་སྙན་ པོཕྱོགས་རྣམས་འབོད་པའི་ཟོལ་གྱིས་ ཏེ་འབོད་པ་ལྟ་བུར་ གནས་ ། ། གསེར་གྱི་བ་གམ་ སྟེ་རྒྱ་ཕིབ་དྲི་མ་མེད་པའི་ཏོག་དང་བྱ་འདབ་སོགས་ལས་འཕྱང་བའི་ རྔ་ཡབ་ དཀར་པོ་རླུང་གིས་བསྐྱོད་པའི་ འཕུར་ བའི་རྣམ་འགྱུར་དང་ ལྡན་ པ་དག་ནི་ འོད་ཟེར་བཞད་ཅིང་ ཁང་བཟང་གི་ཉེ་འཁོར་རྣམས་སུ ཝུ་བའི་ཕྲེང་ བ་ འཛིན་ པའི་རྫིང་བུ་དང་འབབ་ཆུ་ ཁྱོགས་ དང་འདྲ་བ་ ལ་བརྟེན་པའི་མེ་ཏོག་རྣམས་ནི་ལྗོན་ཤིང་སར་བ རྒྱས་པའི་སྐྱེད་ཚལ་དང་ལྡན་པ འི་སྐྱོ བསང་གི ར་ འགེངས་ པར་བྱེད་ཅིང་ ། །  ལྟ་བ་པོ་ལ གངས་རིའི་ཕུང་པོར་དོགས་པ་ སྐྱེད་པའི་ལུས དང་ལྡན་ ཞིང་ ཙན་དན་ གྱི ལྗོན་པའི་ངོས་ལ་བརྡར་བའི་ཐང་ཆུ་དཀར་པོས་ ཡོངས་སུ་བགོས་པས འགྲམ་པ་རབ་ ཏུ མཛེས་ པའི གླང་པོ་ ཆེ བརྒྱ སྟེ་མང་པོ ས་གང་ བའི གཞལ་ཡས་ཁང་ གིས་མཚོན་ནས་རྒྱལ་སྲིད་ཀྱི་དབང་ཕྱུག་ཕུན་སུམ་ཚོགས་པའི་དཔལ་རྨད་དུ་བྱུང་བ་དག་ཀྱང ། ། ནོར་འཛིན་ཟ་ བར བྱེད་ པའི་དྲག་ཤུལ་ཅན  རྟ་གདོང་ གི མེ་དང་ ཕྱོགས་ཐམས་ཅད་དུ་མེ རབཏུ འབར་ བའི དམྱལ་བའི་གྲོང་ཁྱེར་ལྟ བུ ར་ མི་སྡུག་པར དགོངས་ པས་རང་ཉིད་སྲིད་པ་ལས་རྣམ་པར་གྲོལ་ཞིང་ལུས་ཅན་ཐམས་ཅད་ཀྱང་དེ་ལས་སྒྲོལ་བ་ལ་གཅིག་ཏུ་བརྩོན་པའི་མགོན་པོ འཇམ་པའི དབྱངས་ ཀྱི ཞབས་ཀྱི་པདྨོ་ ར་རིའིརྙོགཔ་དང བྲལབ་དེ་ཉིད་བདག་གི མགོན་ལ་ རྟག་ཏུ་གནས་ཤིང དྲི་བཟང་ པོ འཛིན་ པར གྱུར་ཅིག ། ལི་ཁྲིའི་རྡུལ་སེར་པོ  དང་བྱི་རུའི་ཕུང་པོ དམར་པོ་ཡོངས་སུ་འདྲེས་པའི་མདངས་ཀྱི ས་དགེ་ལེགས་ མཛེས་པ་རབ་ཏུ བྱིན་པའི་ ཁ་དོག་ཅན་གྱི་འདབ་མ རབ་ ཏུ རྒྱསཔའི པད་མ་གསར་བའི་ངོས་ལ་བཅུ་གཉིས་ ཀྱི་གྲངས་དང་ལྡན་པའི་ལྷའི་བུ ཉི་མ དག་གནས་པའི་ནོར་བུའི་གཞལ་ཡས་ཁང་སྟེ་ཉི་མའི་དཀྱིལ་འཁོར བཞུས་པའི་ཁུ་བས་བྲན་ པར གྱུར་པ་ སྟེ་འོད་ཟེར་གྱིས་ཁྱབ་པར་གྱུར་པ་ལྟ་བུར་ཁ་དོག་དམར་སེར་གྱི་མདངས་གསལ་ཞིང་། །  ལང་ཚོའི་དཔལ་རྒྱས་པའི་འཛུམ་ཞལ་རབ་ཏུ་མཛེས་པ བསོད་ནམས་ ཀྱིས ལེགས་ པར བྱས་ པའི མིག་ ཁོ་ན་དག གི་དགའ་སྟོན་ ཏུ་གྱུར་པ ཟླ་བའི་ཕྲེང་བ ཚར་དུ་དངར་བ་ལྟ་བུའི་ཚེམས་དཀར་བཞི་བཅུ་ཚང་བ ས་ཀུན་ནས་དཀྲིགས་པའིའོད་ཟེར་གྱི གེ་སེར་འཛུམ་ཞིང་ ཤིན་ཏུ་དཀར་བའི་དྲེགས་པ་ཆེ་བའི་དབང་གིས་ནམ་མཁའི རྒྱུ་སྐར་རྣམས་ཀྱང་ རང་གི འོད་ཟེར་ གྱི རྩེ་ མོ ལ་འཛིན་པར་རྩོམ པ་ལྟ་བུའི་མཆོག་ཏུ་མཛེས་པ ། །  ཁ་དོག མཐོན་མཐིང་ ཅན་གྱི ཨུད་པལ་ གསར་བ་ཟུང་དག་རྒྱན་སོགས་ཡོ་བྱད་ཐམས་ཅད་ཀྱིས་གང་བའི སྡེ་དཔོན་མཆོག་གི་འབྱོར་བ་ཡིད་ དུ འོངབའི བང་མཛོད་དག་ལས་ གང་གི་སྤྱན་ཟུང་རབ་ཏུ་མཛེས་པས ཕྲོགས་པས་སྐྲག་པའི་རི་དྭགས་ གཞོན་ནུ མ་ལུས་ ནགས་མཐར་འབྲོས་པ་ལྷུར་ལེན་པ ལྟར་སྤྱན་འབྲས་མཐོན་མཐིང་ལ་རི་དྭགས་ཀྱི་མིག་ལྟར་སྒེག་པའི་ཉམས་དང་ལྡན་པ་སྨིན་མ་མཛེས་པའི་འདབས་སུ་གནས་པ ། །  མི་མཉམ་པའི སྐལ་ བཟང་ པོ་སྔོན་མེད་པའི དཔྱིད་ཀྱི་དཔལ་མོ་འདི་ཡིས་ གཞན ཡིད་ཀྱི་བུང་བ་ ཐེ་ཚོམ་གྱི དཔྱང་ཐག་ འཛིན་པ འི་ངོ་མཚར རབ་ཏུ་སྟེར་ བར བྱེད་ པས་ན་གུས་ལྡན་དགེ་ལེགས་དཔལ བདག་ནི་ ཡིད་རྩེ་གཅིག་ཏུ་ངོ་མཚར་དེ་ཁོ་ན་སེམས་པའི་སྒོ་ནས་རྗེ་བཙུན འཇམ་དབྱངས་ ཀྱི ཞལ་གྱི་པད་མོར་ དམིགས་པའི བསམ་གཏན་བགྱིད ལགས་སོ ། ། ཐུན་འཚམས་ ཀྱི སྨུག་རྩི་གསར་བའི་ཚོན་གྱིས་ མཛེས་པར་བྱུག་པའིའཁུར་ཚོས་དམར་བའི་ སྟོན་གྱི་ནམ་མཁའ་དྲི་མ་མེད་པའི སྔོ་བསངས་ན་ཆུང་ རྒྱུ་སྐར་ ཀྱི འཕྲེང་ བའི་དོ་ཤལ ལྡན་ ཞིང་རང་གི་ལང་ཚོ་ངོམས་པའི འཇོ་སྒེག་ སྟོན་པའི ཟོལ་གྱིས་ཕྱོགས་ཀྱི་དུལ་བ་འཕྲོགས་པ་ སྟེ་བརྟན་པ་ཉམས་པའི་ཚེ ན། ། ལི་ཁྲིའི་ རང་བཞིན་གྱི་ལང་ཚོ་རྒྱས་པའི ལུས་ཅན་ གང་ཞིག ཉི་མ་སྟོང་གི་འོད་ཟེར་ དུས་གཅིག་ཏུ འཐུངས་པས་རབ་ཏུ་མྱོས་ པ་ལྟར་ཤིན་ཏུ་མཛེས ཤིང་ག་བུར་ རྡོག་པ་ལྟར་མཆོག་ཏུ་དཀར་ཞིང་བསིལ་བའི་མུ་ཏིག་གི དོ་ཤལ་ དྲི་མ་མེད་པའི་འོད་ཟེར་གྱི རྩེ་དགའ་དགོད་པ་ ཅན་གྱི་གཞོན་ནུ འདི་ཡིས་ནམ་མཁའི་མཛེས་མ་ཡི་ ཁེངས་པ་གཡོ་བ་མེད་པའི ། ། བརྟན་པ་འགོག་ཅིང་ཕྱོགས་ རྣམས ལ་ མཛེས་པར་བྱེད་པའི རྒྱན་དག་སྦྱིན་པའི་སླད་དུ་ སྲིད་པ་འདིར་ ཉེ་བར་འོངས་པའི་ཡ་མཚན་ གྱི དགའ་སྟོན་ཡི་ཡང་ སྟེ་མ་ལུས་པ བལྟ་ བའི ཕྱིར་ དུ རིངས་པར་ ཏེ་བྲེལ་བཞིན་དུ འོངས་པའི་ ཟླ་བ གཞོན་ནུ་ནི། ། ཤར་གྱི་རི་བོའི་བ་གམ་སྟེ་ཁང་བཟང་གི་རྩེ་མོ ལ་འཛེགས་ ནས རབ་ ཏུ དཀར་ བའི་འོད་ཟེར་གྱི བདུད་རྩི་འཛག་པའི་ མཛེས་སྡུག་དང་ལྡན་པའི བཞིན་གྱིས་འཇིག་རྟེན་ཀུན་ལ་འཛུམ་པ་སྟོན་པའི་འོད་ཟེར་བཞད་པ་ལྟ་བུ ར་མཆོག་ཏུ་རྨད་དུ་བྱུང་བ ལགས་ སོ ། ། གང་གི་ལུས་ཀྱི བོང་ཚོད་ཤིན་ཏུ་ཆེ་བའི་ཁྱོན་གྱི ས་ཆུ་འཐོངས་འགོག་ཅིང་ མི་བཟད་པའི་ཤུགས་འཆང་བའི སྦར་མོ་གཡོ་བས་ དངོས་པོ་གཞན་ལྟ་ཅི རིན་ཆེན་རྡུལ་བརྩེགས་ ཏེ་རི་རབ་ཀྱང ཕྱེ་མར་འགྱུར་ རོ ཞེས་ སུམ་རྩེན ལྷ་རྣམས་ འཇིགས་པས རབ་ ཏུ དོགས་ ཤིང་གླང་པོ་ཆེ ས་བསྲུངས་ ཀྱི བུ་ཡང་ སྐྲག་ནས འདརབར བྱེད་པ། །  གཟི་བརྗེད་ཀྱི དཔལ་ དང ལྡན་ པའི ནམ་མཁའི་འོད་ཟེར་གོས་ཅན་ ཏེ་མདོག་སྔོན་པོ་ཅན་གྱི་བཞོན་པ རི་དྭགས་ ཀྱི དབང་པོ་ སེང་གེས ཁྱོད་ཞབས་ ཀྱི ཅོད་པན་ རང་གི ལུས་ལ་བཀོད་ པ་སྟེ་རྒྱབ་ཏུ་འཁུར ནས་ཉི་མའི་བུ་ སྟེ་འཆི་བདག་རལ་བ་སེར་སྐྱ་གཡོ་བའི་གཟི་བརྗིད་ཅན་དེ ལའང་ རང་དང་མཉམ་པར་གྱུར་རམ་སྙམ་དུ ཕྲག་དོག་མིག་གིས་བལྟ་བར་བྱེད་ ། ། ཉིན་མོར་བྱེད་པ སྟེ་ཉི་མ་འདི འང་ རང་གི ཚ་ཟེར་བྱེ་བའི་ཡན་ལག་ གི ཚོགས་དག་ འོག་ཏུ་བརྐྱངས་ཏེ ས་ གཞི ལ་རྣམ་པར་འགོད་པའི་སྦྱོར་བས་སྟེང་དུ་བླངས་ཏེ་ རྗེ་བཙུན་འཇམ་པའི་དབྱངས གང་གི་དབུ་ལ་བཀོད་པ་ཡི། ། མེ་ཏོག་ གི ཕྲེང་ བ་རབ་ཏུ མཛེས་པའི་ལོ་འདབ་གསར་བ་དག་ལས་འཕྲོས་པའི དྲི་བཞོན་གྱིས ཏེ་རླུང་གིས བོས་པའི བུང་བའི་ཚོགས་ཀྱིས་བསིལ་ཡབ་ གཡོབ་པའི འཕུར་ལྡིང་ གི རླུང་གིས་བསྐྱོད་པའི་སྙན་གོང་ཨུད་པལ་ རབ་ཏུ གཡོ་བ འི་རྗེ་བཙུན དེ་ཡིས་སྐྱོང་ བར གྱུར་ཅིག །  ཟུང་འཇུག་གི དཔལ་དང་ ལྡན་ པའི་དེ་བཞིན་གཤེགས་པ ཐུབ་པ་ཀུན་གྱི་མཛེས་སྡུག་གི དགའ་མ་ དབྱངས་ཅན་མ ཁྱོད་ནི་ཛ་ཏིའི་མེ་ཏོག་ དྲི་བསུང རྒྱས་ པའི ཕྲེང་ བའི་དོ་ཤལ དང་ལྡན་ཞིང་ ཕྱོགས་ཀུན་ ཁྱོད་མཐོང་བ་ལས་སྐྱེས་པའི་འདོད་པས་གཡོས་པའི སྤུ་ལོང་གོས་ཀྱིས་སྒྲིབ་ པར་ བྱེད་ པའི་མཛེས་སྡུག་རྨད་དུ་བྱུང་མོད དེ་ལྟ་ནའང་། །  མཛེས་མ གང་ཞིག་ རི་བོ མ་ལ་ཡ་ཡི་ངོས་ ཀྱི་སྐྱེད་ཚལ་གྱི་གཞི ལ་རྐང་མཐིལ་ གྱི ཚོན་ ཏེ་རབ་ཏུ་དམར་བའི་མདངས་འོད གྱིས་ཐིག་ལེ་འགོད་ཅིང་ རིན་པོ་ཆེའི དོ་ཤལ་ མང་པོའི ཁུར་འཛིན་ པ་འཁྲང་ཞིང་རྒྱས་པའི ནུ་མ་མངོན་ པར དགའ་ བ་སྟེ་མཛེས་པ་དང་ལྡན་པའི གྲུབ་བདག་ གི བུ་མོ་མཆོག་རྣམས་ཀྱི། ། མཛེས་པ་འགོག་ ལ་ ཁྱོད་མཐའ གཅིག་ཏུ་གཞོལ་བ སྟེ་འབད་པ འི་ངལ་བ་འདི་ནི་ རྒྱུ་མཚན ཅི་ ཡི སླདདུ མཛད་ དེ་དེ་ལྟར་མ་མཛད་ཀྱང་ཁྱོད་ཀྱི་མཛེས་པས་དེ་དག་ཟིལ་གྱིས་གནོན་པས་སོ ཅེས་ རྒྱན་གྱི་མེ་ཏོག་ལ་འཁོད་པའི བུང་བའི་ཚོགས་རྣམས་ ཀྱིས སྒྲོགས་པ་མིན་ནམ་ ཡང་ན་སྟོན་གྱི་ནམ མཁའ་ འདི ཡང་ཨུད་པལ་ཟུང་གཅིག་གི །  མཛེས་པ་དང་ལྡན་པའི མིག་དང་ལྡན་པ འི་སྒོ་ནས མཛེས་སྡུག་ ངོམས་པའི ཟོལ་གྱིས་ གཞན་ལ བལྟ་བར་བྱེད་ན་ ལྷ་མོ དབྱངས་ཅན་དཔལ་མོའི་ཞལ་ཀྱི་པད་མ འི འགྲན་ཟླར་འགྱུར་ ངེས་སོ ཞེས་ དགེ་ལེགས་དཔལ་བཟང་པོ བདག་ནི་ བསྔགས་པའི ཤིས་པ་བརྗོད་ ལ་བརྩོན་ པ་ཉིད་དུ་གོར་མ་ཆག་གོ ། ། སྒྲོལ་མ་ སྟེ་ལྷ་མོ མཁའ་འགྲོ་དཀར་པོ སྟེ་བྱ་ངང་མོ་དཀར་པོ འི་ལུས་ ཀྱི་མཛེས་པ་འཛིན་པ ཅན་ ན་ཚོད་ཕྲ་མོའི་ལུས་ཀྱི ལང་ཚོ་རབ་ ཏུ རྒྱས་ པ་དག་གིས་ཞབས་ལ་མགོ་བོས་གཏུགས་པའི་ཚེ་དེ་དག་གི་སྐྲ་ཡི ལན་བུ་ བརྒྱན་པའི་མེ་ཏོག་ གི ཚོགས་ལ་ ཞབས་ཀྱི གདུབ་སྐོར་ གཡོ་བའི སྒྲ་ཡིས་ ཀྱཻ་ལེགས་པར འོངས་སམ་ཞེས་ནི་ སྙན་པར བརྗོད་པ་ཚིག་ གི་འདོད་རྒུ་མི་ཟད་པ་འབྱུང་བའི གཏེར་ ཆེན་པོ་ལྷའི་ན་ཆུང་དབྱངས་ཅན་མ དེས་ བདག་ཅག་ལ སྨྲ་བའི་དབང་ཕྱུག་ དམ་པ་དངོས་གྲུབ་ཀྱི་མཆོག་ཏུ་དེང་འདིར སྦྱིན་པར་གྱུར་ཅིག གུ  ། དེ་ལྟར་ རྗེ་བཙུན་འཇམ་དཔལ་དབྱངས་ཡུམ་དབྱངས་ཅན་མ་དང་བཅས་པའི་སྐུ་གསུང་ཐུགས་ཀྱི ཡོན་ཏན་མེ་ཏོག་དག །  ཡིད་རབ་ཏུ རང་བའི་སྙིམ་པས་རབ་ ཏུ བླངས་ཏེ། ། སྙན་དངགས་ རྨད་དུ་བྱུང་བ་ཟབ་ཅིང་ངོ་མཚར་བའི་གཏམ་གྱི ཕྲེང་བ་སྤེལ་བ་ལས། ། བློ་གྲོས་མགུལ་ བ་མཆོག་ཏུ་མཛེས་པར་བྱེད་པའི རྒྱན་ངོ་མཚར་བ་འདི་ལྟར གྲུབ་པ་འདི་ ཡི་སྟོབས་ཀྱི ས། །  རྗེ་བཙུན འཇམ་ པའི དབྱངས་ ཀྱི་འཛུམ་པའི ཞལ་གྱི་པད་མོ་ རྒྱས་པ ལ། །  བདག་ཅག་གི མིག་གི་བུང་བ་རབ་ ཏུ བཀོད་ཅིང་། ། ཤེས་ པར བྱ་ བའི་གནས ཀུན་གྱིས་ ཚུར་ལ ཡིད་ཀྱི་ངོས་ སུ ། རི་མོར་བྲིས་པ་ ལྟ་བུར་གསལ་བར་བྱེད་པའི་དགའ་བ་རྨད་དུ་བྱུང་བ ཐོབ་ པར གྱུར་ཅིག་ ཏེ་མདོར་ན་རྗེ་བཙུན་གྱི་ཞལ་དངོས་སུ་མཐོང་ཞིང་ཆོས་ཀུན་ཚུར་ལ་སྒྲིབ་མེད་དུ་འཆར་བར་གྱུར་ཅིག་ཅེས་པའོ ། ། འདི་ལྟ བུ འི་སྙན་དངགས་ རྨད་དུ་བྱུང་བའི མུ་ཏིག་ གི དོ་ཤལ་ མཛེས་པ གང་གི་ཁ་ལ་རབ་འཕྱང་བ། །  སྟོན་པ་ བདེ བརགཤེགས་ པའི གསུང་གི་ རྗེས་སུ་ཞུགས་པའི ལེགས་བཤད་ཀྱི ཕྲེང་བས་ལྕེ་ཡི རྩེ་མོ རྣམ་པར་བརྒྱན་པ་པོ་དེ ནི། ། སུ་ཞིག་ཡིན་སྙམ་ན བློ་གྲོས་ཡངས་པའི་ཁྱོན་གྱིས ཤེས་བྱའི་ཕ་རོལ་གྱི མཐའ་ལ་འགྲན་པའི་མཁས་པ ཤཱཀྱའི་རྗེས་སུ་སློབ་པའི དགེ་སློང་དགེ་ལེགས་དཔལ། ། བཟང་པོ་ཞེས་བྱ་བ་ལྷག་པའི་ལྷ་རྗེ་བཙུན འཇམ་པའི་རྡོ་རྗེའི་ཞབས་ཀྱི པད་མོ་གཙུག་ཏུ བསྟེན་ལ་མངོནཔར དགའ་བ་ཁོ་བོ ཡིན ནོ ། ། ཅེས་གཙང་གི་སའི་ཆ ཉང་སྟོད་རིན་ཆེན་སྒང་ཞེས་བྱ་བའི་དགོན་པར་གཞན་གྱིས་བསྐུལ་བ་མ་ཡིན་པར་རང་ཉིད་ཀྱིས་དད་པས་ཀུན་ནས་བསླངས་ཏེ་རྣམ་དཔྱོད་ཀྱི་རྩེ་འཇོའི་ཚུལ་དུ་སྤོབས་པའི་མགྲིན་པ་མཐོན་པོར་བཏེགས་ནས སྨྲས་པ སྟེ་དེ་ལྟར་ན་གང་བཤད་པར་བྱ་བ་དག་ཅུང་ཟད་བཀྲལ་ཟིནཏོ འོ། །
      ཇི་སྙེད་ཆོས་ཀྱི་རང་བཞིན་རྣམ་བཀྲའི་གཟུགས། ། ཡེ་ཤེས་མེ་ལོང་གཙང་མར་དུས་གཅིག་ཏུ། ། འཆར་གང་སྨྲ་བའི་སེང་གེ་འཇམ་དཔལ་དབྱངས། ། ས་གསུམ་འགྲོ་བའི་བློ་མུན་སེལ་བའི་གཉེན། ། ཁྱོད་ཀྱི་ངོ་མཚར་ཡོན་ཏན་མཛོད། ། ཟབ་བརླིང་ཉམས་འགྱུར་བྱེ་བ་ཡི། ། སྙན་དངགས་ལམ་དུ་རབ་སྤེལ་བའི། ། བསྟོད་པའི་ཚིག་འདི་ཁོ་བོས་ཕྱེ། ། འདི་ལས་བྱུང་བའི་དགེ་བའི་མཐུས། ། བློ་མིག་རྡུལ་དང་བྲལ་གྱུར་ནས། ། ཆོས་རྣམས་ཀུན་གྱི་དེ་ཉིད་ལ། ། འཇུག་པ་ཐོགས་མེད་འགྲུབ་པར་ཤོག །  །།མངྒལཾ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:tsongchu@tsongchu.com  QQ:1239685970 QQ:32460212  MSN:tibetan406@hotmail.com